ལི་པུ་ཡཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་ཞེ་བདུན་ཕྱིར་ལྡོག་བྱས།
2023.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ལི་པུ་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དོ་དམ་ཚོད་འཛིན་སྡེ་ཁག་གིས་ཚེས་བཞི་ཉིན་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་ཞེ་བདུན་ཕྱིར་ནེ་ཀྲི་རི་ཡཱ་རྒྱལ་ཁབ་ལ་ཕྱིར་ལྡོག་བྱས་ཡོད་ཟེར།

ལི་པུ་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དོ་དམ་ཚོད་འཛིན་སྡེ་ཁག་གི་བརྡ་འཕྲིན་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ཧྲི་ནེ་པུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནེ་ཀྲི་རི་ཡཱ་ནས་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་ཞེ་བདུན་ཏི་ལེ་པའོ་ལིའི་མུས་ཐིས་ཅཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ལམ་དུ་ཆས་ཏེ་ཕྱིར་རང་གི་རྒྱལ་ཁབ་ཏུ་བསྐྱལ་ཡོད། མི་དེ་དག་གི་ནང་དུ་བུད་མེད་བརྒྱ་དང་ཉེར་གཉིས་དང་སྐྱེས་པ་ཉེར་ལྔ་འདུས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།