ཧན་གོའི་ཙུང་ཐུང་བཞུགས་ཤག་གིས་སྲིད་འཛིན་ལས་ཁུངས་ཀྱི་བཅོས་སྒྲིག་ཇུས་གཞི་ཁྱབ་བསྒྲགས་བྱས།
2023.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཧན་གོའི་ཙུང་ཐུང་དྲུང་ཡིག་ཁང་གི་མགོ་བ་ཅིན་ཏཱ་ཆི་ཡིས་ཚེས་བཞི་ཉིན་སྲིད་འཛིན་ལས་ཁུངས་ཀྱི་བཅོས་སྒྲིག་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་། ད་ལྟའི་ཙུང་ཐུང་བཞུགས་ཤག་གི་དཔལ་འབྱོར་དབུ་བཞུགས་དྲུང་ཡིག་ཚོས་ཞང་མུའུ་ཙུང་ཐུང་ཡུན་ཞེ་ཡའོ་ཡིས་ཙུང་ལི་གཞོན་པའམ་ཁེ་ལས་འཆར་འགོད་ནོར་སྲིད་ཀྱི་པུའུ་ཀྲང་གི་འདེམ་སྒུག་མི་སྣར་མིང་འདོན་བྱས་པ་དང་། དེའི་ཞོར་དུ་ད་རུང་སྡེ་ཁག་ལྔའི་དཔོན་པོ་གསར་བའི་འདེམ་སྒུག་མི་སྣ་མིང་འདོན་བྱས།

ཉིན་དེར་ཅིན་ཏཱ་ཆི་ཡིས་ཧྲིག་ཨར་གྱི་ལུང་ཧྲན་ཙུང་ཐུང་བཞུགས་ཤག་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སྲིད་འཛིན་ལས་ཁུངས་ཀྱི་འདེམ་སྒུག་མི་སྣ་སྐོར་ཞིག་གི་མིང་ཐོ་ཁྱབ་བསྒྲགས་བྱས། ཅིན་ཏཱ་ཆི་ཡིས་བཤད་རྒྱུར། ཚོས་ཞང་མུའུ་ནི་དཔལ་འབྱོར་སྲིད་ཇུས་ཐད་ཀྱི་ཆེད་མཁས་པ་ཡིན་པའི་ཆ་ནས། ཆེ་མཐོང་དངུལ་ལོར་དཔལ་འབྱོར་གྱི་གནས་ཚུལ་ལ་རྟོག་ཞིབ་ཟབ་མོ་བྱས་ཡོད་པ་དང་། ཁོས་རྩ་བའི་ཐོག་ནས་དངོས་གོང་དང་ལས་ཞུགས་གཏན་འཇགས་ཡོང་བ་སོགས་འདུས་པའི་ཧན་གོའི་དཔལ་འབྱོར་ལེགས་བཅོས་བྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།

དེ་ལས་གཞན་ཡུན་ཞེ་ཡའོ་ཡིས་ད་རུང་རྒྱལ་ཁབ་བྱས་རྗེས་སྙན་ཞུ་པུའུ་དང་། ཞིང་ལས་དང་ནགས་ལས། ཕྱུགས་ཐོན་ཟས་རིགས་པུའུ། རྒྱལ་ཁབ་མངའ་ཁོངས་འགྲིམ་འགྲུལ་པུའུ། རྒྱ་མཚོའི་ཆུ་ཐོན་པུའུ། ཉེན་ཁ་འབྲིང་ཆུང་ཁེ་ལས་པུའུ་སོགས་སྡེ་ཁག་ལྔའི་དཔོན་པོ་གསར་བའི་འདེམ་སྒུག་པ་མིང་འདོན་བྱས།

ཧན་གོའི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལྟར་ན། སྲིད་འཛིན་ལས་ཁུངས་ནས་མིང་འདོན་བྱས་པའི་འདེམ་སྒུག་པ་ཚང་མས་རྒྱལ་ཚོགས་ཀྱི་ཉན་ཞིབ་ཚོགས་འདུ་དང་ལེན་བྱེད་དགོས་ལ། རྒྱལ་སྲིད་ཙུང་ལི་ལས་གཞན། རྒྱལ་ཚོགས་ནས་གྲོས་འཆམ་བྱུང་མིན་གང་ཡིན་རུང་མིང་འདོན་ཐོབ་མཁན་ཚང་མ་མཇུག་མཐར་བསྐོ་འཇོག་བྱེད་ངེས་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།