ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོ་ནས་བཟུང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་པར་མ་ཟད། ས་དེའི་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱུང་ཟེར།
ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་གྱི་ཤུགས་ཚད་ཧ་ཅང་ཆེ་བ་དང་། ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ས་ཁུལ་མང་བོར་དུད་ནག་འཕྱུར་བཞིན་ཡོད། མིག་སྔར་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་གསལ་བོར་མི་ཤེས་ཟེར།
ཕཱ་ལེ་སི་ཐན་གྱི་གློག་འཕྲིན་ཀུང་ཟིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་པའི་ཤུགས་རྐྱེན་ལས་ཅཱ་ཧྲ་ས་ཁུལ་གྱི་འཕྲིན་གཏོང་དང་དྲ་རྒྱར་ཡང་བསྐྱར་བར་ཆད་ཐེབས་ཡོད་ཟེར། ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མི་སྣའི་བར་འབྲེལ་གཏུག་བྱེད་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།