ཕ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོར་ཅཱ་ཧྲ་མཁར་དུ་ཡོད་པའི་སློབ་གྲྭ་གཉིས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་ལས་གཞན་རྨས་མ་བརྒྱ་ཕྲག་འགའ་ཅཱ་ཧྲ་མཁར་གྱི་ཨ་ཧི་ལེ་ཨ་རབ་སྨན་ཁང་དུ་བསྐྱལ་ཡོད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱེད་སྐབས། འགྲོ་སའི་ཁྱིམ་མེད་པའི་མི་མང་བོ་གནས་སྐབས་སུ་སློབ་གྲྭ་དེ་གཉིས་སུ་བསྡད་ཡོད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་གོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བཞི་དང་སྟོང་གཉིས་ལྷག་ལ་རྨས་ཕོག་ཡོད་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཁའེ་ལེ་ཅི་ལེ་ཡེ་དང་ཡེ་ལུའུ་སཱ་ལེམ་བྱང་ངོས་ཀྱི་ཁཱ་ལན་ཏིས་ཡཱ་ཡུལ་གྱར་བའི་སྒར་ས་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་གསུམ་དབྱི་སི་རལ་གྱི་དམག་དཔུང་གིས་བསད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།