ཧྥེ་ལེ་པེན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།
2023.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧྥེ་ལེ་པེན་རྒུད་སྐྱོབ་སྡེ་ཁག་གིས་ཚེས་ལྔ་ཉིན་བཤད་རྒྱུར། མི་ང་གསུམ་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེའི་ཕྱི་དྲོར་ཧྥེ་ལེ་པེན་དབུས་ཕྱོགས་ཀྱི་ཨན་ཏིས་ཁི་ཞིང་ཆེན་ནས་གྲོག་རོང་དུ་ལྷུང་ནས། ཉུང་མཐར་ཡང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་ཟེར།

ཨན་ཏིས་ཁི་ཞིང་ཆེན་གྱི་རྒུད་སྐྱོབ་སྡེ་ཁག་གི་འགན་ཁུར་བ་སུའུ་ལོ་ཕིས་ཡཱ་ཡིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་དེ་ཉིན་དེར་ཨན་ཏིས་ཁི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དུ་བགྲོད་རྩིས་ཡོད་པ་དང་། ལམ་བར་ནས་རི་ལམ་ཞིག་བརྒྱུད་སྐབས་ལམ་བཀག་ལ་ཐོ་བརྒྱབ་རྗེས་གྲོག་རོང་དུ་ལྷུང་བ་རེད་ཟེར།

ཧྥེ་ལེ་པེན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། རྨས་མ་སྐོར་ཞིག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།