ནེ་ཀྲི་རི་ཡཱའི་ཙུང་ཐུང་གིས་བཀའ་རྒྱ་བཏང་སྟེ་དམག་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལས་མི་སེར་དཀྱུས་མར་ཤི་རྨས་བཟོས་པར་རྟོག་ཞིབ་བྱེད་དགོས་པའི་རེར་བ་བཏོན།
2023.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ནེ་ཀྲི་རི་ཡཱའི་ཙུང་ཐུང་ཐིས་ནོའུ་པུའུ་ཡིས་ཚེས་ལྔ་ཉིན་བཀའ་རྒྱ་བཏང་སྟེ། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་སྤེལ་བའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལས་མི་སེར་དཀྱུས་མ་བཅུ་ཕྲག་འགར་ཤི་རྨས་བཟོས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་ཟེར།

ནེ་ཀྲི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཐིས་ནོའུ་པུའུ་ཡིས་བཀའ་རྒྱ་བཏང་ནས་དོན་རྐྱེན་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་རེ་བ་བཏོན་ཡོད་པར་མ་ཟད། མང་ཚོགས་དག་གིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། དོན་རྐྱེན་དེ་ནི་མི་སེམས་བདེ་ཐབས་མེད་ལ་ཡིད་སྐྱོ་བའི་དོན་མི་ལེགས་པ་ཞིག་རེད་ཟེར།

ནེ་ཀྲི་རི་ཡཱའི་འཕྲལ་སྒྲུབ་དོ་དམ་སྡེ་ཁག་གི་མགྲིན་ཚབ་པ་སུའུ་ལའེ་མན་གྱིས་ཚེས་ལྔ་ཉིན་ས་དེའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཚེས་གསུམ་ཉིན་གྱི་དགོང་མོར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཁཱ་ཏུའུ་ནཱ་མངའ་སྡེའི་དབྱེ་ཅཱ་པུས་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། སྟབས་མ་ལེགས་པར་ཉུང་མཐར་ཡང་མི་སེར་དཀྱུས་མ་གྱ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་རེ་དྲུག་ལ་རྨས་ཕོག་ཡོད་ཟེར།

ནེ་ཀྲི་རི་ཡཱི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་པུའུ་པཱ་ཡིས་ཚེས་ལྔ་ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་ས་དེར་འཇིགས་སྐུལ་ཉེས་ཅན་ཡིན་པར་དོགས་པ་ཟ་བའི་མི་སྐོར་ཞིག་འགུལ་སྐྱོད་བྱེད་པ་ཤེས་རྗེས། ཐེངས་འདིའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་སྤེལ་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།