ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོར་འཕྲད་སྲིད་པའི་ཚུལ་བསྟན།
2023.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཡའོ་ཧན་སུང་གིས་ཚེས་ལྔ་ཉིན་ཉེན་བརྡ་བཏང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས། ཡེ་ཤུའི་འཁྲུངས་སྐར་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་བདེ་འཇགས་ཉེན་ཁ་ཆེན་པོར་འཕྲད་ངེས་རེད་ཟེར།

ཡའོ་ཧན་སུང་གིས་ཉིན་དེར་པུའུ་ལུའུ་སེར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་འཛིན་དང་ནང་སྲིད་པུའུ་ཀྲང་གི་གྲོས་ཚོགས་ལ་མ་ཞུགས་གོང་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་ཁལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བ་དང་དེ་ལས་སྤྱི་ཚོགས་ཁྲོད་བཟོས་པའི་ཕྱོགས་ལྷུང་གི་འགལ་བ་ལས། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་ལ་མི་འགྱངས་པར་ཐོན་ལ་ཉེ་བའི་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་ཁ་ཆེན་པོར་འཕྲད་སྲིད་ཟེར།

ཡའོ་ཧན་སུང་གིས་བསྟན་དོན། དཔྱད་འཇོག་དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་གི་འཇིགས་སྐུལ་ངོ་རྒོལ་གྱི་བདེ་འཇགས་ཉེན་ཟོན་རིམ་པ་དང་མུའུ་སི་ལིན་མང་ཚོགས་ལ་དམིགས་པའི་འཁོན་འཛིན་གཏམ་བཤད། ཡིའུ་ཐེ་བར་ངོ་རྒོལ་བྱེད་པའི་རིང་ལུགས་ཀྱི་གཏམ་བཤད་སོགས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་པ། པུ་ལི་ཧྲི་དང་ཧྥ་རན་སི་རུ་ཉེ་སྔོན་བྱུང་བའི་འཇབ་རྒོལ་དོན་རྐྱེན་བཅས་རྨང་གཞིར་བྱས་ནས་བཏོན་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།