ཕུའུ་ཅིན་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་ཀྱིས་དབུས་ཤར་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།
2023.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དྲུག་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ནས་དབུས་ཤར་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཕྱོགས་སོ་སོས་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་དགོས་ཟེར། མུའུ་ཧན་མའོ་ཏི་ཡིས་བསྟན་དོན། སོ་ཏི་ཨ་རབ་དང་ཨུ་རུ་སི་ཡིས་ལག་རྡང་སྦྲེལ་ནས་དབུས་ཤར་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་ཁས་ལེན་གང་ལེགས་བྱས། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་སོ་ཏི་ཨ་རབ་བར་ཆབ་སྲིད་དང་དཔལ་འབྱོར། མི་ཆོས་རིང་ལུགས་སོགས་ཁྱབ་ཁོངས་སུ་སྲ་བརྟན་གྱི་འབྲེལ་བ་བཟང་བོ་ཡོད་ཟེར། ཁོས་མུའུ་ཧན་མའོ་ཏི་ཡིས་ཨུ་རུ་སིར་འཚམས་འདྲི་བྱེད་པར་གདན་ཞུ་བྱས། མུའུ་ཧན་མའོ་ཏི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་དང་ཉོ་ཚོང་། དངུལ་གཏོང་སོགས་ཁྱབ་ཁོངས་ནས་མཉམ་ལས་བཟང་བོ་བྱས་ཡོད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་པ་མཇུག་སྒྲིལ་རྗེས་སོ་ཏི་ཨ་རབ་ཏུ་འབྱོར་ནས་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།