ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཝ་ནི་ཨ་ཐུའུ་ཡི་ཐཱ་ཧྥེ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དབྱེ་སིང་ཨེ་ཨར་ལྷོ་ངོས་ཀྱི་མཚོ་ཁོངས་སུ་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་དྲུག་སྟེང་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་།
ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་བརྡ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་བྱུང་ས་གཙོ་བོ་ནི་དབྱེ་སིང་ཨེ་ཨར་ལྷོ་ངོས་ཀྱི་སྤྱི་ལེ་བརྒྱ་དང་ཉེར་གསུམ་མཚམས་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཞེ་བརྒྱད་དང་གྲངས་ཆུང་བཞི་ཡོད་ཟེར།
ཝ་ནི་ཨ་ཐུའུ་རྒྱལ་ཁབ་དེ་ཞི་བདེ་རྒྱ་མཚོ་བསྐོར་བའི་མེ་རི་ས་ཁུལ་དུ་གནས་པ་དང་། ས་ཤུན་ཕན་ཚུན་ཐོ་བརྒྱབ་པའི་དབང་གིས་ས་ཡོམ་མང་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།