ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ།
2023.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨ་སེ་པེད་ཅང་གི་ཙུང་ཐུང་བཞུགས་ཤག་དང་ཨེ་མེ་ནི་ཡཱའི་ཙུང་ལིའི་བཞུགས་ཤག་གིས་ཚེས7ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་བདག་དབང་ལ་བརྩི་འཇོག་དང་མངའ་ཁོངས་ཆ་ཚང་ཡོང་བའི་རྩ་དོན་གྱི་རྨང་གཞིའི་སྟེང་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱུང་ནས་ཞི་བདེའི་ཆིངས་ཡིག་འགོད་འདོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་རྒྱལ་ཁབ་གཉིས་བར་ཡིད་ཆེས་ལྡན་པའི་འབྲེལ་བ་འཛུགས་པར་གྲོས་འཆམ་བྱུང་། ལྷག་བསམ་མཚོན་བྱེད་དུ་ཨ་སེ་པེད་ཅང་གིས་ཨེ་མེ་ནི་ཡཱའི་དམག་མི་སོ་གཉིས་ཕྱིར་གཏོང་རྒྱུ་ཡིན་པ་དང་། ཨེ་མེ་ནི་ཡཱས་ཨ་སེ་པེད་ཅང་གི་དམག་མི་གཉིས་ཕྱིར་གཏོང་རྒྱུ་རེད། ཨེ་མེ་ནི་ཡཱས་རང་ཉིད་ཀྱི་རེ་ཞུ་རྩིས་མེད་དུ་བཏང་ནས་ཨ་སེ་པེད་ཅང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་དགུ་པར་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མ་འོངས་པར་སྔར་ལས་མང་བའི་ཡིད་ཆེས་ལྡན་པའི་བྱེད་ཐབས་ལག་བསྟར་བྱེད་པར་གྲོས་བསྡུར་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་བ་འདིར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་ཟླ11པར། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་གིས་བསྟན་དོན། ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་རྒྱལ་ཁབ་གཉིས་ཀྱི་ཞི་བདེའི་ཆིངས་ཡིག་གི་གནད་འགག་རྩ་དོན་ཐད་ནས་གྲོས་མཐུན་བཀོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།