ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་སང་ལོའི་ཟླ་གསུམ་པར་སྤེལ་རྒྱུ་རེད།
2023.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཨུ་རུ་སིའི་གྲོས་ཁང་གོང་མས་ཚེས་བདུན་ཉིན་གྲོས་ཆོད་བཀོད་དེ། ཉིས་སྟོང་ཉེར་བཞི་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་གཏན་འཁེལ་བྱས་པ་དང་། གྲོས་ཆོད་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་ཡོད།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་ཡིས་ཉིན་དེར་བསྡུས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། གྲོས་ཆོད་དེ་ལས་ཙུང་ཐུང་གི་འགྲན་རྩོད་བྱ་འགུལ་མགོ་བརྩམས་པ་མཚོན་ཡོད་ལ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ནི་ཨུ་རུ་སིའི་ཆབ་སྲིད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་ཨུ་རུ་སིའི་འཕེལ་རྒྱས་ཁ་ཕྱོགས་ཐག་གཅོད་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།