ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བརྒྱད་ཉིན་སྨྱན་བྱད་ལ་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་མེ་སྐྱོན་བྱུང་བའི་ཕཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ཡང་བསྐྱར་ཆོས་ལུགས་བྱ་འགུལ་དང་མང་ཚོགས་ལ་སྒོ་འབྱེད་བྱེད་རྒྱུ་ཡིན་ཟེར།
ཡང་བསྐྱར་སྒོ་འབྱེད་བྱེད་པར་ལོ་གཅིག་ཡོད་པའི་སྐབས་སུ། མཱ་ཁི་ལུང་གིས་ཕཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་གི་ཞིག་གསོའི་བཟོ་སྐྲུན་གྱི་མྱུར་ཚད་ལ་རྟོག་ཞིབ་བྱས་པ་དང་། བཟོ་བཀོད་དེའི་ཆེས་མཐོ་སར་བུད་ནས་ཉེ་སྔོན་ཡང་བསྐྱར་མཚོན་རྟགས་རང་བཞིན་གྱི་ཀི་ཐི་ལུགས་ཀྱི་མཆོད་རྟེན་རྩེ་མོར་བལྟས།
གཞན་ཡང་ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཡང་བསྐྱར་སྒོ་འབྱེད་བྱས་པ་ལས་བཟོ་སྐྲུན་དེ་ལེགས་འགྲུབ་བྱུང་བའི་མཚོན་རྟགས་མིན་ལ། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་དགུ་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་ལེགས་འགྲུབ་འབྱུང་སྲིད་ཟེར།
མཱ་ཁི་ལུང་གིས་ད་རུང་ཁྱབ་བསྒྲགས་བྱས་དོན། ཆོས་ཁང་ལྷོ་ངོས་ཀྱི་ཤེལ་སྒོའི་སྒེའུ་ཁུང་དྲུག་པོ་དུས་རབས་ཉེར་གཅིག་པའི་རྒྱུ་ཆ་བཀོལ་ནས་གསར་གཏོད་བྱེད་རྒྱུ་ཡིན་པ་དང་། བརྩམས་ཆོས་ཀུན་ལས་འཚོལ་སྡུད་བྱེད་རྒྱུ་ཡིན་ཟེར། དེ་ལས་གཞན་ཆོས་ཁང་ཉེ་འདབས་སུ་ཕཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་གི་ལོ་རྒྱུས་མཚོན་པའི་རྟེན་མཛོད་ཁང་ཞིག་ལས་བཞིན་ཡོད།
ཕཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་དེ་དུས་རབས་བཅུ་གཉིས་པར་ལས་པ་དང་། ཧྥ་རན་སིའི་འཐུས་ཚབ་རང་བཞིན་ལྡན་པའི་གནའ་བོའི་རྗེས་ཤུལ་ཅིག་ཡིན། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། ཕཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་གི་ཁང་ཀླད་དང་མཆོད་རྟེན་ལ་མེ་སྐྱོན་བྱུང་ནས་གཏོར་བརླག་ཐེབས་ཡོད་ཀྱང་བཟོ་བཀོད་གཙོ་བོར་གནོད་པ་ཐེབས་མེད། ཧྥ་རན་སིའི་གྲོས་ཁང་གཉིས་ཀྱིས་བཅའ་ཁྲིམས་བརྒྱུད་དེ། བསྐྱར་འཛུགས་བྱེད་པའི་བྱ་བ་སྤེལ་ནས་ཕཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་སླར་སགོ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། ཉིས་སྟོང་ཉི་ཤུ་ལོར། ཕཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་ལ་མེ་སྐྱོན་བྱུང་ནས་ལོ་གཅིག་འགོར་བའི་སྐབས་སུ། མཱ་ཁི་ལུང་གིས་ལོ་ལྔའི་ནང་པཱ་རེ་སིའི་ཧྲིན་མུའུ་ལྷ་ཁང་གི་ཞིག་གསོའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཁས་ལེན་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།