ཐ་སི་གསར་འགྱུར་ཁང་གིས་ཚེས་དགུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་རུ། མི་ལ་མེ་མདས་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་ནས། ཨུ་རུ་སིའི་རྒྱལ་ཁབ་བདེ་སྲུང་དམག་མི་གཉིས་ལ་རྨས་ཕོག་ཡོད་ཟེར།
གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་སྐྱེས་པ་ཞིག་གིས་མོ་སི་ཁོའི་ནུབ་བྱང་རྒྱུད་ཀྱི་ཐི་ཝ་ཨར་ཏོ་ཧྥུའུ་སི་ཅི་ཡི་ཁྲོམ་གཞུང་དུ། ཨུ་རུ་སིའི་རྒྱལ་ཁབ་བདེ་སྲུང་དམག་གི་དམག་མིའི་བར་འགལ་རྩོད་བྱུང་བ་དང་། སྐྱེས་པ་དེས་མེ་མདས་བརྒྱབ་ནས་དམག་མི་གཉིས་རྨས་ཟེར།
གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སིའི་ནང་སྲིད་པུའུ་ཡིས་འཇབ་རྒོལ་དོན་རྐྱེན་དེར་རྩད་གཅོད་བྱེད་བཞིན་ཡོད་ཅིང་། མིག་སྔར་དོགས་ཡོད་ཉེས་ཅན་བཀག་ཉར་བྱས་་ཡོད་པ་དང་རྨས་ཕོག་པའི་དམག་མི་གཉིས་ལ་སྨན་བཅོས་བྱེད་ཀྱིན་ཡོད་ལ། སྲོག་གི་ཉེན་ཁ་མེད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།