ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་མ་ལག་རྩ་འཐོར་སོང་བ་དང་། སྨན་བཅོས་སྒྲིག་ཆས་ཆ་ཚང་བའི་བྱེས་འཐབ་སྨན་ཁང་སྔར་ལས་མང་པོ་བཙུགས་ནས་རྨས་མར་སྲོག་སྐྱོབ་སྨན་བཅོས་བྱེད་དགོས་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། ཟླ་བཅུ་པའི་ཚེས་བདུན་ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་དང་པོའི་འཁྲུག་རྩོད་བྱུང་བའི་ཚུན་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཕ་ལེ་སི་ཐན་གྱི་མི་ཁྲི་གཅིག་དང་སྟོང་བདུན་བདུན་བརྒྱ་བསད་པ་དང་། མི་ཁྲི་བཞི་དང་སྟོང་བརྒྱད་ལྷག་ལ་རྨས་ཕོག མིག་སྔར། རྨས་ལྕི་མོ་ཕོག་པའི་རྨས་མར་སྨན་བཅོས་བྱེད་ཐུབ་ཀྱིན་མེད་པ་དང་། ཅ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་རྨས་མ་སྟོང་བདུན་ཕྱི་རྒྱལ་དུ་སྨན་བཅོས་བྱེད་པར་སྐྱེལ་དགོས་ཟེར།
གསལ་བསྒྲགས་ནང་བཤད་རྒྱུར། འདས་ཟིན་པའི་ཆུ་ཚོད་ཉེར་བཞིའི་ནང་། དབྱི་སི་རལ་གྱི་འཇབ་རྒོལ་ཁྲོད་བསྡོམས་པས་མི་ཉིས་བརྒྱ་དང་བཅུ་བསད་པ་དང་། མི་སྟོང་གཉིས་དང་སུམ་བརྒྱ་ལྷག་ལ་རྨས་ཕོག་ལ། མི་མང་པོ་ཞིག་ད་དུང་ཞིག་རོའི་འོག་མནན་ནས་སྲོག་སྐྱོབ་མ་ཐུབ་པར་ལུས་ཡོད་ཟེར།
རིན་ཆེན་མཚོས་བསྒྱུར།