ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་སར་ལྷུང་།
2023.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧན་གོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ཧན་གོའི་ལྷོ་ནུབ་ཕྱོགས་ཀྱི་ཆོན་ལོ་བྱང་ལམ་གྱི་ཆོན་ཧྲན་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་ཁོངས་ནས་སར་ལྷུང་ཟེར། ཨ་མེ་རི་ཁའི་མཁའ་དམག་གི་འཐབ་འཛིང་གནམ་གྲུའི་མནའ་འབྲེལ་རུ་ཁག་བརྒྱད་པས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་གིས་ཉིན་རྒྱུན་གྱི་སྦྱོང་བརྡར་བྱེད་སྐབས་སར་ལྷུང་བ་དང་། གནམ་གྲུའི་ཁ་ལོ་བ་སྲོག་ཉེན་ལས་ཐར་ཡོད་ལ། གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་མིག་སྔར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།