ཨུ་རུ་སི་ཡིས་ཝུའུ་ཁི་ལན་དམག་དཔུང་གི་འབར་རྫས་མཛོད་ཁང་འགས་གཏོར་བཏང་བ་ཡིན་ཟེར།
2023.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཏོན་ནེ་ཚི་ཁི་དང་ཧོང་ལེ་མན་སོགས་ཀྱི་ཕྱོགས་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གི་དཔུང་འཇུག་མཐར་སྐྲོད་བཏང་བ་དང་། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་དམག་དཔུང་གི་བཀོད་འདོམ་པུའུ་ཡི་སྡོད་གནས་དང་འབར་རྫས་མཛོད་ཁང་སོགས་དམིགས་འབེན་འགས་གཏོར་བཏང་བར་མ་ཟད། ཝུའུ་ཁི་ལན་དམག་དཔུང་གི་མི་བསྡད་མེད་པའི་གནམ་གྲུ་མང་བོ་འགས་གཏོར་བཏང་ཡོད་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། པཱ་ཧི་མུའུ་ཐི་སོགས་ཀྱི་ཕྱོགས་ནས་ཨུ་རུ་སིའི་དམག་དཔུང་བར་འཐབ་འཁྲུག་བྱས་པ་དང་། མུ་མཐུད་དུ་ཏིས་ཉི་པའོ་ཆུ་བོའི་གཡོན་འགྲམ་ནས་འཐབ་ར་བརྟན་སྲུང་བྱས་ཡོད་ལ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་དམག་ཆས་མཛོད་ཁང་སོགས་དམིགས་འབེན་འགས་གཏོར་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།