ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་བཏབ།
ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་བཏབ།
ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་བཏབ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚོགས་ཆེན་མ་གྲོལ་གོང་བར་ཁྱད་ཆེན་པོ་ཁ་གསབ་བྱེད་དགོས་ཡོད་ལ། ཕྱོགས་སོ་སོས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་སྤོབས་སེམས་དང་འདྲ་མཉམ་གྱི་སྣང་ཚུལ་མཁོ་བར་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་དམ་བཅའ་ཚང་མ་ལག་བསྟར་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཕྱོགས་སོ་སོས་ངེས་པར་དུ་བློ་སྤོབས་ཆེ་བའི་གྲུབ་འབྲས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་མཇུག་སྒྲིལ་དུ་བཅུག་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་དམིགས་འབེན་བསམ་པ་དང་ནམ་ཟླའི་ཉམས་ཉེན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཚོགས་ཁག་ལ་སྲུང་སྐྱོབ་བྱེད་ཐུབ་པའི་དཔའ་སྤོབས་མངོན་པར་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་ཆིངས་ཡིག་བཀོད་པའི་ཕྱོགས་ཁག་སོ་སོས་དྲོད་རླངས་ཕྱིར་གཏོང་ཇེ་ཉུང་དུ་གཏོང་བ་དང་ནམ་ཟླའི་དྲང་བདེན་མངོན་འགྱུར་བྱེད་པའི་ཕྱོགས་གཉིས་ལ་བློ་སྤོབས་ཆེན་པོ་འཛིན་དགོས་པའི་སྐུལ་མ་བཏང་། ཁོས་བསྟན་དོན། སྐབས་འདིའི་ཚོགས་ཆེན་ནས་ཡོངས་འགྲུབ་བྱེད་རྒྱུ་ཡིན་པའི་ཕཱ་རེ་སིའི་གྲོས་ཆོད་ཀྱི་འཛམ་གླིང་ཡོངས་ཀྱི་ཐོག་མའི་རྩིས་བཤེར་ལས་ངེས་པར་དུ་མཐུན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བསམ་བློ་གཏོང་དགོས་པ་དང་། རྒྱལ་ཁབ་སོ་སོའི་གནས་ཚུལ་ལ་ཟུང་འབྲེལ་བྱེད་པ། ནམ་ཟླའི་སྤོབས་སེམས་དང་འདྲ་མཉམ་གྱི་སྣང་ཚུལ་མཉམ་འཛིན་བྱས་ཏེ། འཆར་གཞི་གསལ་བོ་འདོན་སྤྲོད་བྱས་ནས། འཛམ་གླིང་ཡོངས་ཀྱི་དྲང་བདེན་དང་འདྲ་མཉམ། གོ་རིམ་ལྡན་པའི་ནུས་ཁུངས་སྤོར་བསྒྱུར་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་མ་དངུལ་དང་བབ་བསྟུན་ཐད་ཀྱི་དམ་བཅའ་ཚང་མ་མངོན་གསལ་གྱིས་ལག་བསྟར་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ནོར་སྲིད་ཀྱི་བར་སྟོང་ཆུང་བར་མ་ཟད་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་ཟེར།
ཁོས་བཤད་རྒྱུར། འཛམ་གླིང་ཧྲིལ་བོར་ནམ་ཟླའི་བབ་དང་བསྟུན་པའི་སྤོབས་སེམས་ཆེན་པོ་གནས་པ་དང་། ཉིས་སྟོང་ཉེར་ལྔ་ལོའི་བར་བབ་བསྟུན་མ་དངུལ་ལྡབ་གཅིག་གིས་འཕར་ནས་མེ་སྒོར་ཐེར་ཆེན་བཞིར་བསླེབས་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་ཟླ་བཅུ་གཅིག་པར་ཁྱབ་བསྒྲགས་བྱས་པའི་ཉིས་སྟོང་ཉེར་གསུམ་ལོའི་བབ་བསྟུན་བར་ཁྱད་སྙན་ཞུ་ལས་བསྟན་དོན། མིག་སྔར་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་གསོག་པའི་མ་དངུལ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་དང་བསྟུན་པར་རོགས་རམ་བྱེད་ཚད་གཏན་ནས་མི་འདང་བ་དང་། ཚོད་དཔག་བྱས་ན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མཁོ་བའི་བབ་བསྟུན་མ་དངུལ་གྱི་བཅུ་ཆའི་གཅིག་ནས་བཅོ་བརྒྱད་ཆའི་གཅིག་ཙམ་ལས་མེད་ཟེར།
ཀུའུ་ཐི་ལོས་སི་ཡིས་མ་འོངས་པར་དམིགས་ན་རྗེས་ཕྱོགས་ཀྱི་ལོ་གཉིས་ཀྱི་དུས་ཚོད་གལ་འགངས་ཧ་ཅང་ཆེ་བ་ནན་བཤད་བྱས། གཅིག་ནས་ཉིས་སྟོང་ཉེར་ལྔ་ལོའི་རྗེས་ཀྱི་དོན་སྙིང་ལྡན་པའི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་དངུལ་གསོག་གི་དམིགས་འབེན་གསར་བ་གཏན་འབེབས་བྱེད་དགོས། གཉིས་ནས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ནམ་ཟླའི་འགུལ་སྐྱོད་འཆར་གཞི་གསར་བ་སྟེ། རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་གཏན་འབེབས་བྱེད་དགོས་ཟེར།
སྐབས་འདིའི་ཚོགས་ཆེན་གྱིས་མཐུན་སྒྲིལ་དང་འགུལ་སྐྱོད། དངོས་འབེབས་བཅས་བརྗོད་སྙིང་དུ་བཟུང་ཡོད་ལ། ཕཱ་རེ་སིའི་གྲོས་ཆོད་ལ་ཐོག་དང་པོར་འཛམ་གླིང་ཡོངས་ནས་རྩིས་བཤེར་ཡོངས་འགྲུབ་བྱེད་རྒྱུ་མ་ཟད། གནད་དོན་གལ་ཆེན་མང་བོའི་ཐད་ནས་གྲུབ་འབྲས་ལོན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་ཆེན་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།