དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་ཁོངས་སུ་གཏོགས་པའི་སྲིད་གཞུང་མངའ་ཁོངས་བྱ་འགུལ་མཐུན་སྦྱོར་ཁྲུའུཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་ཡང་བསྐྱར་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་སྒོ་འབྱེད་བྱས་ཏེ། ཨེ་ཅིབ་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཐུང་ཆུ་དང་ཟས་རིགས། སྨན་བཅོས་མཁོ་དངོས། ཉེན་ཡོལ་སྒྲིག་ཆས་བཅས་དྲུད་པའི་དངོས་སྐྱེལ་རླངས་འཁོར་དག་གིས་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་དང་དབྱི་སི་རལ་དང་ཨེ་ཅིབ་བར་གྱི་ནེ་ཁྲ་ནཱ་རྒྱུ་ལམ་ནས་བདེ་འཇགས་ཞིབ་བཤེར་དང་ལེན་བྱས་རྗེས། ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱས་ཆོག་ཟེར།
གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ཐད་ཀར་དུ་ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་གང་ཡང་འདོན་སྤྲོད་བྱེད་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།