ཧྥུན་ལན་གྱིས་ཨུ་རུ་སིའི་བར་གྱི་མཐའ་མཚམས་རྒྱུ་ལམ་གཉིས་ཚད་ཡོད་ཀྱིས་སྒོ་འབྱེད་བྱེད་རྒྱུ་རེད།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཧྥུན་ལན་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཚེས་བཅུ་བཞི་ཉིན་ནས་བཟུང་ཨུ་རུ་སིའི་མཐའ་མཚམས་བར་གྱི་རྒྱུ་ལམ་གཉིས་ཚད་ཡོད་ཀྱིས་སྒོ་འབྱེད་བྱེད་རྒྱུ་ཡིན་ལ། དེའི་ནུས་ཡུན་སང་ལོའི་ཟླ་དང་པོའི་ཚེས་བཅུ་བཞིའི་བར་ཡིན་ཟེར།

ཧྥུན་ལན་སྲིད་གཞུང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། མི་འགྱངས་པར་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་ཡིན་པའི་མཐའ་མཚམས་ཀྱི་རྒྱུ་ལམ་དེ་གཉིས་ནི་ཧྥུན་ལན་གྱི་ཤར་ལྷོའི་ཕྱོགས་ཀྱི་ཝ་ལེ་མཱ་དང་ནེ་ལཱ་ལཱ་རུ་ཡོད་པ་རེད།

ཧྥུན་ལན་གྱི་ཙུང་ལི་ཨོ་ཨར་པའོ་ཡིས་ཉིན་དེར་བསྟན་དོན། ཧྥུན་ལན་སྲིད་གཞུང་གིས་ཚད་ཡོད་པའི་སྒོ་ནས་མཐའ་མཚམས་རྒྱུ་ལམ་གཉིས་སྒོ་འབྱེད་བྱེད་པར་ཐག་བཅད་པ་ནི་ཚད་བཀག་སྐོར་ཞིག་མེད་པར་བཏང་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནས་ཚུལ་ཇེ་བཟང་ཏུ་སོང་ཡོད་མིན་ལ་བརྡར་གཅོད་བྱེད་ཆེད་ཡིན་ཟེར། ཧྥུན་ལན་ནང་སྲིད་པུའུ་ཡི་པུའུ་ཀྲང་ལན་ཐཱ་ཉིང་གིས་བསྟན་དོན། ཧྥུན་ལན་གྱིས་ཤར་ཕྱོགས་མཐའ་མཚམས་དེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ཡོ་རོབ་གླིང་དུ་ཡོང་སའི་རྒྱུ་ལམ་གསར་བར་མི་འགྱུར་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།