དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ས་འོག་ཕུག་ལམ་ནས་འགུལ་སྐྱོད་སྤེལ།
2023.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་འོག་ཕུག་ལམ་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་ཆས་མཛོད་ཁང་བཙལ་ནས་གཏོར་བཤིག་བཏང་ཟེར། གཞན་ཡང་ཨ་མེ་རི་ཁའི་སྨྱན་བྱད་མང་བོས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཧཱ་མཱ་སིའི་ས་འོག་ཕུག་ལམ་དུ་མཚོ་ཆུ་དྲངས་མགོ་བརྩམས་ཡོད་ཟེར།

ཧཱ་མཱ་སི་ཡིས་བཤད་རྒྱུར། མུ་མཐུད་དུ་ཅཱ་ཧྲ་་ས་ཁུལ་གྱི་གནས་མང་བོ་ནས་དབྱི་སི་རལ་གྱི་དམག་དཔུང་བར་འཐབ་འཁྲུག་བྱེད་རྒྱུ་ཡིན་ཟེར།

དེ་ལས་གཞན་དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཐོག་དང་པོར་སཱ་ཨར6རྟགས་ཅན་གྱི་འགོག་སྲུང་གྲུ་གཟིངས་མཚོ་དམར་མཚོ་ཁོངས་སུ་མངག་ཡོད་ཟེར། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཐེངས་མང་བོར་ཡེ་མིན་གྱི་མཚོ་ཁོངས་བརྒྱུད་པའི་དབྱི་སི་རལ་གྱི་གྲུ་གཟིངས་དང་དབྱི་སི་རལ་མངའ་ཁོངས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་བ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།