ཨ་ཀིན་ཐིན་གྱི་གསར་དུ་འགན་ཁུར་བའི་དཔལ་འབྱོར་པུའུ་ཀྲང་ཁཱ་ཕུའུ་ཐའོ་ཡིས་ཚེས་བཅུ་གཉིས་ཉིན་དཔལ་འབྱོར་སྲིད་ཇུས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་དང་། དམིགས་ཡུལ་ནི་ནོར་སྲིད་ཀྱི་འགྲོ་སོང་ཇེ་ཉུང་དུ་གཏོང་བ་དང་དངུལ་ལོར་ཚད་བརྒལ་གྱིས་འགྲེམ་པར་ཚོད་འཛིན་བྱེད་པའི་ཆེད་དུ་རེད།
ཁཱ་ཕུའུ་ཐའོ་ཡིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཨ་ཀིན་ཐིན་མིག་སྔར་དངུལ་ལོར་ཚད་བརྒལ་གྱིས་འགྲེམ་པ་སོགས་དཔལ་འབྱོར་གནད་དོན་ལ་འཕྲད་ཡོད་པ་དང་། དེའི་འབྱུང་རྩ་ནོར་སྲིད་འགྲོ་སོང་ཚད་ལས་བརྒལ་བར་ཐུག་ཡོད། སྲིད་གཞུང་གསར་བས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ནོར་སྲིད་འགྲོ་སོང་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ལ། དེའི་ནང་སྲིད་གཞུང་སྡེ་ཁག་བཅོ་བརྒྱད་ནས་དགུ་རུ་ཇེ་ཉུང་དུ་གཏོང་བ་དང་། སྲིད་གཞུང་གི་ནུས་ཁུངས་དང་འགྲིམ་འགྲུལ་གྱི་ཁ་གསབ་ཇེ་ཉུང་དུ་གཏོང་བ། གསར་དུ་ལས་པའི་སྤྱི་བའི་བཟོ་སྐྲུན་གྱི་ཚོང་འགུག་མཚམས་འཇོག་པ་སོགས་འདུ་ཟེར།
ཨ་ཀིན་ཐིན་གྱི་ཙུང་ཐུང་གསར་བ་མུས་ལའེ་ཡིས་ཚེས་བཅུ་ཉིན་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དུས་ཡུན་ལོ་ངོ་བཞིའི་ཙུང་ཐུང་འགན་ཡུན་དངོས་སུ་མགོ་བརྩམས། ཨ་ཀིན་ཐིན་གྱི་སྐབས་གསར་བའི་སྲིད་གཞུང་གིས་ཀྱང་ཉིན་དེར་དངོས་སུ་ལས་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།