མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པས་ཚེས་བཅུ་གསུམ་ཉིན་ཕཱ་རེ་སིའི་གྲོས་ཆོད་ཀྱི་ཐོག་དང་པོའི་འཛམ་གླིང་ཡོངས་ཀྱི་རྩིས་བཤེར་ཐད་ནས་ཐུན་མོང་ལྟ་ཚུལ་བྱུང་བ་དང་། ཚོགས་ཆེན་གྱི་མཇུག་མཐའི་གྲོས་ཆོད་ལ་ཕྱོགས་ཁག་སོ་སོ་གཅིག་གྱུར་ཡིད་འཐད་བྱུང་། གྲོས་ཆོད་ཀྱི་མ་ཡིག་ལྟར་ན། ཐོག་དང་པོའི་འཛམ་གླིང་ཡོངས་ཀྱི་རྩིས་བཤེར་མཇུག་འབྲས་ལ་ཕཱ་རེ་སིའི་གྲོས་ཆོད་ཀྱི་གཏན་འཁེལ་བསྐྱར་སྒྲོག་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་དང་ཧུར་ཐག་སྒོས་དབུལ་ཕོངས་སེལ་བའི་གནས་བབ་འོག་འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་འཇིགས་ཉེན་ཐག་གཅོད་བྱེད་པར་ཤུགས་སྣོན་པའི་བྱེད་ཐབས། གཅིག་མཐུན་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལྟར་ཕཱ་རེ་སིའི་གྲོས་ཆོད་དངོས་འབེབས་བྱེད་པ་བསྐྱར་སྒྲོག་བྱེད་པ་སོགས་འདུ།
བསོད་ནམས་ཚེ་རིང་གིས་བསྒྱུར།