ཧྥུན་ལན་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་ཚད་ཡོད་པའི་སྒོ་ནས་ཨུ་རུ་སིའི་བར་གྱི་མཐའ་མཚམས་རྒྱུ་ལམ་སྒོ་འབྱེད་བྱས་ནས་དུས་ཚོད་འགའི་རྗེས་སུ། ཡང་བསྐྱར་ཨུ་རུ་སིའི་བར་གྱི་མཐའ་མཚམས་རྒྱུ་ལམ་ཚང་མ་བཀག་སྡོམ་བྱེད་རྒྱུ་ཐག་བཅད།
ཧྥུན་ལན་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་སྤེལ་བའི་གསར་འགྱུར་ལྟར་ན། ཤར་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་ཚང་མ་བཀག་སྡོམ་བྱེད་པའི་ཆོད་དོན་དེ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་བཟུང་ནུས་ལྡན་དུ་འགྱུར་སྲིད་པ་དང་། དེའི་ཡུན་ཚད་སང་ལོའི་ཟླ་དང་པོའི་ཚེས་བཅུ་བཞིའི་བར་ཡིན་ཟེར།
ཧྥུན་ལན་གྱི་ནང་སྲིད་པུའུ་ཀྲང་ལན་ཐཱ་ཉིང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཐའ་མཚམས་རྒྱུ་ལམ་གཉིས་ཉིན་དེར་སྒོ་འབྱེད་བྱས་རྗེས། ཁྲིམས་འགལ་གྱིས་ཧྥུན་ལན་མངའ་ཁོངས་སུ་ཡོང་རྩིས་བྱེད་པའི་གནས་ཚུལ་སྔོན་དཔག་ལས་ཚབས་ཆེ་བ་དང་། ཤར་ཕྱོགས་ཀྱི་མཐའ་མཚམས་གནས་བབ་ལས་ཧྥུན་ལན་ལ་བདེ་འཇགས་ཉེན་ཁ་བཟོ་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།