ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡོ་སྒོར་ཐེར་ཆེན་ལྔའི་ཝུའུ་ཁི་ལན་གྱི་རོགས་སྐྱོར་འཆར་གཞི་ཁས་ལེན་མ་བྱས།
2023.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་བཅོ་ལྔ་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡོ་སྒོར་ཐེར་ཆེན་ལྔའི་ཝུའུ་ཁི་ལན་གྱི་རོགས་སྐྱོར་འཆར་གཞི་ཁས་ལེན་མ་བྱས།

ཨིག་ཨར་པན་གྱིས་ཉིན་དེར་ཧང་ག་རིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཝུའུ་ཁི་ལན་ལ་སྔར་ལས་མང་བའི་མ་དངུལ་འདོན་སྤྲོད་མི་བྱེད་པར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་དགོས་ཟེར།

བསྒྲགས་པ་ལྟར་ན། ཚེས་བཅུ་བཞི་ཉིན་གྱི་ནམ་གུང་པུའུ་ལུའུ་སེར་ནས་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་ཡོ་སྒོར་ཐེར་ཆེན་ལྔའི་ཝུའུ་ཁི་ལན་གྱི་རོགས་སྐྱོར་ལ་བརྡས་གཅོད་བྱས། ཨིག་ཨར་པན་གྱིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས་པའི་དབང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་འཆར་གཞི་དེར་གྲོས་མཐུན་འགོད་མ་ཐུབ་པ་རེད།

དོན་དེའི་ཐད་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་སང་ལོའི་ཟླ་དང་པོར་ཡང་བསྐྱར་གནད་དོན་དེར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཁོངས་གཏོགས་རྒྱལ་ཁབ་དག་གཅིག་གྱུར་ཡིད་འཐད་འབྱུང་བར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།