དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་ཤར་ལྷོའི་ཕྱོགས་ཀྱི་ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་ཉེན་རྟོག་པ་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཨར་ཧཱ་མཱ་ཏིས་ཀྱིས་དབྱི་ལིང་འཕྲིན་གཏོང་ཁང་ལ་བཤད་རྒྱུར། ཞིང་ཆེན་དེའི་ལཱ་སི་ཁི་རྫོང་ཉེན་རྟོག་ཅུའུ་ལ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་ཉེན་རྟོག་པ་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
གཞན་ཡང་ཞིང་ཆེན་དེའི་ཉེན་རྟོག་ཕྱོགས་ཀྱི་དྲ་ཚིགས་ནས་བསྒྲགས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་མང་བོ་འཁྲུག་རྩོད་ཁྲོད་ནས་བསད་པའམ་རྨས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།