ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་ལྔ་བསད་ཟེར།
ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཉིན་དེར་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་གྱར་བའི་སྒར་ས་ཞིག་ཏུ་ཡོང་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་། ཡུལ་དངོས་ནས་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་འཁྲུག་རྩོད་བྱེད་སྐབས་དབྱི་སི་རལ་གྱི་དམག་མིའི་ཁྲོད་འགད་རྫས་མང་བོ་ཕངས་ནས་དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱས་པ་རེད། དེར་རྒོལ་ལན་སྤྲོད་ཆེད་དབྱི་སི་རལ་གྱི་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣར་བར་སྣང་འཇབ་རྒོལ་བྱས་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།