ཨེ་ཅིབ་རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ད་ལྟའི་ཙུང་ཐུང་སེ་ཞི་ཡིས་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་དྲུག་གི་འདེམ་ཤོག་ཐོབ་ཚད་ཀྱིས་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་ཙུང་ཐུང་འདེམ་བསྐོ་ལ་བསྡོམས་པས་འདེམ་དམངས་བྱེ་བ་བཞི་དང་ས་ཡ་བཞི་འབུམ་བརྒྱད་ཞུགས་ཡོད་པ་དང་། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་བརྒྱད་ཡིན་ལ། ནུས་ལྡན་འདེམ་ཤོག་གི་ཟིན་ཚད་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་དགུར་བསླེབས་ཡོད། ནུས་ལྡན་གྱི་འདེམ་ཤོག་ཚང་མའི་ཁྲོད་སེ་ཞི་ལ་འདེམ་ཤོག་བྱེ་བ་བཞི་ཙམ་ཐོབ་ཡོད།
རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཡོངས་སུ་བསྡོམས་པས་ཨེ་ཅིབ་ཀྱི་ཁྲིམས་དཔོན་ཁྲི་གཅིག་དང་སྟོང་ལྔ་དང་། ས་གནས་རང་དང་ཕྱི་རྒྱལ་གྱི་ལྟ་ཞིབ་པ་སྟོང་ཕྲག་འགའ་ཡིས་འདེམ་ཤོག་འཕེན་པའི་བརྒྱུད་རིམ་ལ་ལྟ་རྟོག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།