ཁོང་གོ་ཅིན་གྱིས་འདེམ་བསྐོའི་བྱ་འགུལ་ཆེན་མོའི་སྐབས་སུ་མཐའ་མཚམས་བཀག་སྡོམ་བྱས།
2023.12.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཁོང་གོ་ཅིན་གྱི་གནས་སྤོར་སྡོད་དམངས་སྤྱི་ཁྱབ་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་ཉི་ཤུ་ཉིན་གྱི་ཙུང་ཐུང་དང་གྲོས་ཁང་། ས་གནས་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་ཆེད། རྒྱལ་ཁབ་དེའི་ཚེས་ཉི་ཤུ་ཉིན་མཐའ་མཚམས་བཀག་སྡོམ་བྱེད་རྒྱུ་ཡིན་ཡང་། རྒྱལ་སྤྱིའི་གནམ་གྲུ་རྒྱུན་ལྡན་ངང་གཏོང་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཁོང་གོ་ཅིན་གྱིས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པ་ནས་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་དགུའི་བར་སྐམ་མཚོ་མཁའ་གསུམ་གྱི་མཐའ་མཚམས་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། དེའི་སྐབས་སུ་རྒྱལ་ནང་གི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཡིན་ལ། རྒྱལ་སྤྱིའི་གནམ་གྲུ་ཐང་གི་རྒྱལ་སྤྱིའི་གནམ་གྲུ་རྒྱུན་ལྡན་ངང་གཏོང་རྒྱུ་ཡིན་ཟེར།

ཁོང་གོ་ཅིན་རྒྱལ་ཁབ་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་ལྟར་ན། འདེམ་དམངས་བྱེ་བ་བཞི་དང་ས་ཡ་བཞི་ལྷག་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པར་ཐོ་འགོད་བྱས་ཡོད། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ་རྒྱུ་རེད།

ཐེངས་འདིའི་འདེམ་བསྐོའི་ཉིན་རིམ་ལྟར་ན། འདེམ་བསྐོའི་བྱ་འགུལ་གྱི་ཐོག་མའི་མཇུག་འབྲས་དེ་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།