ཀན་སུའུ་ཞིང་ཆེན་ཀ་ཆུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་བྱུང་བའི་ཚུན་ལ། རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་ཐབས་ལམ་གཞན་པ་བརྒྱུད་དེ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས།
ཁོ་ཚོ་ནི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན། ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ནེ། མོང་གོལ་གྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ། ཨིར་ཅི་སི་སི་ཐན་གྱི་ཙུང་ཐུང་སཱ་ཀྲ་ཕཱ་ལོ་ཧྥུའུ། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཅི་ཡའོ་ཡེ་ཧྥུའུ། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ། མར་ཏའེ་ཝེའི་ཙུང་ཐུང་མུའུ་དབྱེ་ཙི། ཧན་གོའི་ཙུང་ཐུང་ཡུན་ཞེ་ཡའོ། ནེ་པཱ་ལཱའི་ཙུང་ཐུང་པའོ་ཏི་ཨར། འབྲུག་ཡུལ་གྱི་རྒྱལ་བོ་སྐུ་ཕྲེང་བཞི་བ་ཝང་ཁྲུའུ་ཁི། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི། ཁི་ཝེ་ཐེའི་མགོ་ཁྲིད་པ་མུས་ཧྲ་ལེ། ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ། ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏི་ལཱ། ནཱ་སྨི་པུ་ཡཱའི་ཙུང་ཐུང་ཀིན་ཀི་པུའུ། ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ། ཁི་ཐི་ཏིས་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ། སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ། འཇར་མན་གྱི་ཙུང་ཐུང་ཧྲིན་ཐེ་ཡུན་མེད་ཨར། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ། དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ། ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ལཱ། ཧང་ག་རིའི་ཙུང་ཐུང་ནོའུ་ཝ་ཁི། ཅེ་ཁིའི་ཙུང་ཐུང་ཕཱ་ཝེ་ཨར། སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི། པའོ་ཧེའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གསུམ། ནི་ཁཱ་ར་ཀའི་ཙུང་ཐུང་ཨོ་ཨར་ཐི་ཅཱ། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ། ཐུའུ་ཁུའུ་མན་སི་ཐན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ། ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་། ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཁཱ་ཁཱ་ཨར། བཅས་འདུས། ཐེ་གོའི་ཙུང་ལི་སེ་ཐཱ། བྷང་ག་ལཱའི་ཙུང་ལི་ཧཱ་ཞི་ནཱ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་། ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཀྲ་ཕཱ་ལོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ལི་པའོ་ཧྥུའུ། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི། ཧྥོ་ཏི་ཅོ་ཡི་ཙུང་ལི་ཞེ་ཨར་ཝ། འཇར་མན་གྱི་ཙུང་ལི་ཧྲོའུ་ཨར་ཚི། ཧང་ག་རིའི་ཙུང་ལི་ཨིག་ཨར་པན། ཏའོ་སྨི་ནེ་ཁིའི་ཙུང་ལི་སི་ཁའེ་ལི་ཐི། ཀི་ལིན་ནཱ་ཏཱའི་ཙུང་ལི་མུས་ཆེ་ཨར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི། སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་སོགས་འདུས། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ས་ཡོམ་ལས་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བྱུང་བའི་མྱ་ངན་དང་འཚམས་འདྲི་བྱས་པར་མ་ཟད། ཀྲུང་གོའི་སྲིད་གཞུང་གིས་དུས་ལྟར་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བར་གདེང་འཇོག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གནོད་ཐེབས་ས་ཁུལ་གྱི་མི་དམངས་དག་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་འཛུགས་ཐུབ་པར་ཡིད་ཆེས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།