ཟླ12པའི་ཚེས20ཉིན་ནས་ཚེས22ཉིན་བར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝུའེ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཨར་ཅི་རི་ཡ་རུ་འཚམས་འདྲི་བྱས་པ་དང་། ཨར་ཅི་རི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་པུའུ་ཅ་ལིས་དང་། མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་མུའུ་པ་ལ་ཁི། མི་རིགས་མཐུན་སྒྲིལ་དང་ཁྱིམ་ཚང་དང་བུད་མེད་ལས་དོན་པུའུ་ཡི་པུའུ་ཀྲང་ཁི་ལེ་ཁུའུ་བཅས་ལ་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་བསམ་འཆར་བརྗེ་རེས་བྱས་པ་དང་། དུས་རབས་གསར་པའི་བུད་མེད་དང་བྱིས་པའི་ལས་དོན་དང་། ཁྱིམ་ཚང་ཁྱིམ་སྲོལ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་སྒྲོག་བྱས།
ཨར་ཅི་རི་ཡ་ཕྱོགས་ཀྱིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱི་ནང་ཧུར་ཐག་གིས་ཞུགས་ནས་ཏང་བར་དང་བུད་མེད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།