ཨེ་ཅིབ་དང་དབྱི་ལིང་གི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2023.12.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གསུམ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡི་ཁ་པར་འབྱོར་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་བར་ཐག་བཅད་མེད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་འགྱུར་ལྡོག་ཐད་ནས་བསམ་འཆར་བརྗེ་རེས་བྱས། ལའེ་ཞེ་ཡིས་སེ་ཞི་ཡང་བསྐྱར་ཨེ་ཅིབ་ཀྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ལའེ་ཞེ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལིང་གིས་ནུས་པ་གང་ཡོད་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་བཏང་སྟེ། ཕཱ་ལེ་སི་ཐན་མང་ཚོགས་ལ་རོགས་སྐྱོར་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།