སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སི་རི་ཡཱའི་དམག་དཔུང་གིས་ཉིན་དེར་འཇིགས་སྐུལ་རྩ་འཛུགས་ཀྱིས་བཏང་བའི་མི་བསྡད་མེད་པའི་གནམ་གྲུ་བདུན་སར་འཕངས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་རྩ་འཛུགས་ཀྱིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་དང་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་གྱི་ཞིང་སྡེ་དང་མཁར་གྲོང་རེ་འགར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱས་པ་དང་། སི་རི་ཡཱའི་དྲག་ཆས་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་བདུན་སར་འཕངས་ནས། འཇིགས་སྐུལ་རྩ་འཛུགས་ཀྱི་དཔུང་འཇུག་ཕམ་ཉེས་སུ་བཏང་ཟེར།
ད་ལོའི་ཟླ་བཅུ་བའི་ཚེས་ལྔ་ཉིན། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་དམག་དོན་སློབ་གླིང་ཞིག་གིས་མཐར་ཕྱིན་མཛད་སྒོ་སྤེལ་སྐབས་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་གྱ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉིས་བརྒྱ་དང་དོན་བདུན་ལ་རྨས་ཕོག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།