ཀྲུང་གུང་འཐུས་ཚབ་ཚོགས་པས་དབྱི་ལིང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས།
2023.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཀྲུང་གུང་འཐུས་ཚབ་ཚོགས་པས་ཉེ་སྔོན་དབྱི་ལིང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ། ས་དེའི་ཆབ་སྲིད་མགོ་ཁྲིད་པ་གཙོ་བོ་སོགས་དང་གྲོས་མོལ་བརྗེ་རེས་བྱས་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཕྱོགས་གཉིས་ཀྱིས་བསྟན་དོན། ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བརྗེ་རེས་ལ་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ། ལག་རྡང་སྦྲེལ་ནས་འགྲན་རྩོད་ཐག་གཅོད་བཅས་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།