དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པའི་བརྙན་འཕྲིན་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨ་མེ་རི་ཁས་སྐྱེལ་འདྲེན་གནམ་གྲུ་ཉིས་བརྒྱ་དང་ཞེ་བཞི་དང་། གྲུ་གཟིངས་ཉི་ཤུ་བཀོལ་ནས་དབྱི་སི་རལ་དུ་དམག་དོན་སྒྲིག་ཆས་ཏུན་ཁྲི་གཅིག་ལས་བརྒལ་བ་བསྐྱལ་ཡོད་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་དབྱི་སི་རལ་ལ་རྩིས་སྤྲོད་བྱས་པའི་དམག་དོན་སྒྲིག་ཆས་ལ་ཁྲབ་ལྡན་འཁོར་ལོ་དང་མདེལ་མདེའུ། འགོག་སྲུང་སྒྲིག་ཆས་སོགས་འདུས། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཉེ་སྔོན་ཡང་བསྐྱར་ཨ་མེ་རི་ཁ་ནས་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་ཀྱི་དམག་དོན་སྒྲིག་ཆས་ཉོ་སྡུད་བྱས་ཡོད་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་དབྱི་སི་རལ་གྱི་དམག་དོན་བཟོ་ལས་ཐོན་སྐྱེད་བྱེད་ས་ཚང་མས་ཉིན་མཚན་མེད་པར་ཐོན་སྐྱེད་བྱས་ཏེ། མདེལ་མདེའུ་ཡི་གསོག་ཚད་ལ་འགན་སྲུང་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།