རོ་མཱ་ནི་ཡཱའི་བྲེལ་མྱུར་གནས་ཚུལ་ལྟ་ཞིབ་སྤྱི་ཁྱབ་ཁང་གིས་ཚེས་ཉེར་དྲུག་ཉིན་དྲ་ཐོག་ཏུ་གནས་ཚུལ་སྤེལ་ཏེ། རོ་མཱ་ནི་ཡཱའི་རྒྱལ་ས་པུའུ་ཅཱ་ལེ་སི་ཐི་བྱང་ངོས་ཀྱི་སྤྱི་ལེ་བརྒྱད་ཅུའི་མཚམས་སུ་ཡོད་པའི་མགྲོན་ཁང་ཞིག་ལ་ཉིན་དེའི་ཞོགས་པར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར།
བསྒྲགས་པ་ལྟར་ན། འདས་པའི་ཁྲོད་དུ་བྱིས་པ་གཅིག་འདུས་པ་དང་། རྨས་མ་གཉིས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། མིག་སྔར་མི་གཉིས་གར་སོང་རྙེད་མེད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་མགྲོན་ཁང་དེ་ཕུའུ་ལཱ་ཧའོ་ཝ་རྫོང་དུ་ཡོད་པ་དང་། མེ་སྐྱོན་བྱུང་སྐབས་མགྲོན་ཁང་ནང་དུ་བསྡོམས་པས་མི་ཉེར་དྲུག་གིས་ཡེ་ཤུའི་འཁྲུངས་སྐར་གྱི་རྒྱས་འཛོམས་བྱ་འགུལ་སྤེལ་བཞིན་ཡོད་ཟེར།
མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་མེ་སྐྱོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།