ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་དབུས་ཕྱོགས་ས་ཁུལ་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གོ་དྲུག་རྐྱེན་ལམ་དུ་ཤོར།
2023.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་མཐོ་སྒང་མངའ་སྡེ་རུ་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་གྲོང་སྡེའི་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་སྟེ། ཉུང་མཐར་ཡང་མི་གོ་དྲུག་རྐྱེན་ལམ་དུ་ཤོར།

ནེ་ཀྲི་རི་ཡཱའི་མཐོ་སྒང་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་ལཱ་པའོ་ཡིས་མཐོ་སྒང་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཆའོ་སི་ནས་གསར་འགོད་པར་བཤད་རྒྱུར། མངའ་སྡེ་དེའི་དབུས་བྱང་ས་ཁུལ་གྱི་པའོ་ཁི་སི་རུ་གྲོང་སྡེ་བཅུ་གཉིས་དང་། པཱ་ཨར་ཅིན་ལཱ་ཏིས་ས་ཁུལ་གྱི་སྡེ་ཁུལ་གསུམ་ལ་རྩ་འཛུགས་ཡོད་པའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཁང་ཤར་ཉིས་བརྒྱ་དང་ཉེར་གཅིག་མེར་བཏང་བའམ་གཏོར་བཤིག་བཏང་། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་སྣ་མང་བོར་ཤི་རྨས་ཐེབས་པ་དང་ཡང་ན་བཙན་ཁྲིད་ཐེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།