ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེའི་གྲོས་གཞིར་གྲོས་མཐུན་བཀོད་པ་དང་། གྲོས་གཞི་དེ་རྒྱལ་དམངས་གྲོས་ཁང་ལ་གྲོས་བསྡུར་བྱེད་པར་སྤྲད་དེ་འདེམ་ཤོག་འཕངས་ནས་བརྡས་གཅོད་བྱེད་རྒྱུ་རེད།
ཉིན་དེར་ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེའི་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོ་དྲང་བདེན་དང་འཕེལ་རྒྱས་ཏང་དང་། དེ་མིན་སྤྱི་མཐུན་མི་དམངས་ཏང་། མི་རིགས་འགུལ་སྐྱོད་ཏང་བཅས་ཀྱིས་གྲོས་གཞི་དེར་གྲོས་མཐུན་འགོད་པར་རྒྱབ་སྐྱོར་བྱས། མཇུག་མཐར་ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་འདེམ་ཤོག་འཕངས་ནས་གྲོས་གཞི་དེར་གྲོས་འཆམ་བྱུང་བ་རེད།
ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨོ་ཁི་ཐཱ་དབྱེ་ཡིས་བཤད་རྒྱུར། སུའེ་ཏེན་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་ལག་ཏུ་ཤོར་བའི་མ་དངུལ་ལ་ཆམ་ཕབ་གཏོང་བའི་གནད་དོན་ཐད་ནས་གྲུབ་འབྲས་བླངས་ཡོད་ཀྱང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གནད་དོན་ཐད་ནས་ཐུར་ཁེ་ཡིས་སྔོན་དཔག་བྱས་པའི་མཇུག་འབྲས་ལོན་ཐུབ་མེད་ཟེར།
གྲོས་གཞི་དེ་ཐུར་ཁེའི་རྒྱལ་དམངས་གྲོས་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་མ་ཟད་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་དགོས་པ་རེད།
ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྲོས་ཁང་ལ་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་འགོད་པའི་གྲོས་གཞི་སྤྲད་ཀྱང་། དེའི་རྗེས་སུ་གྲོས་གཞི་དེར་གྲོས་ཞིབ་བྱེད་པའི་ཉིན་རིམ་བཀོད་སྒྲིག་རྗེས་སུ་སྣུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།