ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་སྡོད་ཁང་ཞིག་ལ་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་ད་ང། མི་བཅུ་ཕྲག་འགར་རྨས་ཕོག

རྒུད་སྐྱོབ་མི་སྣས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་སྐབས་སྡོད་ཁང་ནང་དུ་འགྲོ་སའི་ཁྱིམ་མེད་པའི་མི་མང་བོ་ཡོད། མིག་སྔར་ད་རུང་མི་མང་བོ་ཁང་བའི་ཞིག་རོའི་འོག་མནན་ཡོད་པས། རྐྱེན་ལམ་དུ་ཤོར་བའི་མིའི་ཁ་གྲངས་ཇེ་ཉུང་དུ་འགྲོ་སྲིད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་དང་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ལྔ་དང་སྟོང་ལྔ་ལྷག་ལ་རྨས་ཕོག་ཡོད། འདས་པའི་དུས་ཚོད་ཉེར་བཞིའི་རིང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཕཱ་ལེ་སི་ཐན་གྱི་མི་བརྒྱ་དང་གོ་ལྔ་བསད་པ་དང་། གཞན་ཡང་མི་སུམ་བརྒྱ་དང་ཉེར་ལྔར་རྨས་ཕོག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།