ཁོང་གོ་ཅིན་གྱི་ས་གནས་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ནན་ཅི་ཝུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པུའུ་ཁཱ་ཝུའུ་རུ་ཉིན་དེར་དྲག་ཆར་བབས་ཏེ་ཆུ་ལོག་བྱུང་ནས། ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།
པུའུ་ཁཱ་ཝུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁཱ་ལན་པཱ་ཡིས་སྨྱན་བྱད་ཀྱིས་བཤད་རྒྱུར། པུའུ་ཁཱ་ཝུའུ་གྲོང་ཁྱེར་དུ་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་གློ་བུར་དུ་དྲག་ཆར་བབས་ནས་ཆུ་ལོག་བྱུང་བ་དང་། ཁང་བ་མང་བོ་ཆུ་ལོག་གིས་ཁུར།
ཁཱ་ལན་པཱ་ཡིས་གནོད་ཐེབས་ས་ཁུལ་གྱི་སྡོད་དམངས་དག་མྱུར་མོར་བདེ་འཇགས་ས་ཁུལ་དུ་སྐྱེལ་དགོས་པའི་འབོད་སྐུལ་བཏང་། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཆུ་ལོག་གིས་ད་རུང་ས་དེའི་འགྲིམ་འགྲུལ་གཞུང་ལམ་གཙོ་བོ་མང་བོ་ཁུར་བ་རེད་ཟེར།
ཁོང་གོ་ཅིན་དུ་ལོ་རེའི་ཟླ་བཅུ་གཅིག་པ་ནས་ཕྱི་ལོའི་ཟླ་ལྔ་བའི་བར་ཆར་ཆུ་མོད་མེད་པའི་དུས་ཚིགས་ཡིན་པ་དང་། བསྟུད་མར་ཆར་ཆུ་བབས་པ་ལས་ཆུ་ལོག་དང་འདམ་གསེག་སོགས་ཀྱི་གནོད་འཚེ་བྱུང་། ད་ལོའི་ཟླ་ལྔ་བར། ནན་ཅི་ཝུའུ་ཞིང་ཆེན་གྱི་ཁཱ་ལའེ་ཧེ་ས་ཁུལ་དུ་བསྟུད་མར་དྲག་ཆར་བབས་ནས། ཆུ་ལོག་དང་འདམ་གསེག་བྱུང་ནས་ཉུང་མཐར་ཡང་མི་བཞི་བརྒྱ་དང་སོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། ཁང་བ་སྟོང་ཕྲག་མང་བོ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།