ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཏི་ལོ་ཨར་སྐུ་གཤེགས།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཏི་ལོ་ཨར་ཚེས་ཉེར་བདུན་ཉིན་ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་ནས་སྐུ་གཤེགས་པ་དང་། ད་ལོར་དགུང་ལོ་གོ་བརྒྱད་རེད།

ཏི་ལོ་ཨར་གྱི་བུ་མོ། ཧྥ་རན་སིའི་ལི་ཨར་གྲོང་ཁྱེར་ཨོ་པུའུ་ལི་ཡིས་ཉིན་དེར་སྨྱན་བྱད་ལ་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཏི་ལོ་ཨར་ནི་ཧྥ་རན་སིའི་གཡོན་ཕྱོགས་སྲིད་ཏང་སྤྱི་ཚོགས་ཏང་གི་མཚོན་བྱེད་རང་བཞིན་ལྡན་པའི་མི་སྣ་ཞིག་ཡིན་པ་དང་། མུས་ཐི་ལིང་གིས་ཧྥ་རན་སིའི་ཙུང་ཐུང་གི་འགན་ཁུར་བའི་སྐབས་སུ། ཏི་ལོ་ཨར་གྱིས་ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་མྱོང་། གཅིག་སྟོང་དགུ་བརྒྱ་གྱ་ལྔ་ལོ་ནས་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་བར་གྱི་ལོ་བཅུའི་ནང་། ཏི་ལོ་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར། ལས་འགན་ཁུར་བའི་སྐབས་སུ་ཡོ་རོབ་གླིང་གི་ཕྱོགས་གཅིག་ཚོང་རའི་འཛུགས་སྐྲུན་དང་། ཧྲིན་ཀིན་གྲོས་ཆོད་འགོད་པ། ཐུན་མོང་ཞིང་ལས་སྲིད་ཇུས་ཀྱི་བཅོས་བསྒྱུར་བཅས་ལ་སྐུལ་འདེད་བཏང་བར་མ་ཟད། ཡོ་རོབ་གླིང་གི་མཐོ་རིམ་སློབ་གྲྭའི་སློབ་མས་རྒྱལ་ཁོངས་བརྒལ་བའི་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་དབྱེ་ལཱ་སི་མའོ་འཆར་གཞི་སོགས་ལ་ཡར་སྐུལ་བྱས། ཁྱད་པར་དུ་ཁོའི་འགན་ཡུན་ནང་ཡོ་རོབ་གླིང་དཔལ་འབྱོར་དངུལ་ལོར་མནའ་འབྲེལ་འཛུགས་པའི་གྲོས་འདོན་བྱས་ཏེ། ཡོ་སྒོར་གྱི་འགྲེམ་འདོན་དང་ཡོ་རོབ་གླིང་གི་དངུལ་ལོར་གཅིག་པུར་འགྱུར་བར་རྨང་གཞི་བཏིང་ཡོད། དེ་བས་ཧྥ་རན་སིའི་སྨྱན་བྱད་ཀྱིས་ཏི་ལོ་ཨར་ཡོ་སྒོར་གྱི་གསར་སྐྲུན་མཁན་གྱི་གྲས་སུ་བཞག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།