རྒྱ་གར་དབུས་ཕྱོགས་སུ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཚེས28ཉིན་བཤད་རྒྱུར།   སྤྱི་སྤྱོད་རླངས་འཁོར་ཞིག་དང་ལྗིད་ཐེག་རླངས་འཁོར་ཞིག་ཚེས27ཉིན་གྱི་དགོང་མོར་རྒྱ་གར་དབུས་ཕྱོགས་མངའ་སྡེའི་ཀུའུ་ན་ས་ཁུལ་དུ་ཐོ་བརྒྱབ་རྗེས་མེར་འབར་ནས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་དྲུག་ལ་རྨས་ཕོག

ས་དེའི་ཉེན་རྟོག་དཔོན་པོ་ཨ་ནུའུ་ཕུའུ་པཱ་ཨར་ཅཱ་ཝ་ཡིས་བཤད་རྒྱུར།  ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་པ་དང་སྤྱི་སྤྱོད་རླངས་འཁོར་སྟེང་གི་མི་བཅུ་གཉིས་ཐེངས་འདིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།    ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།    གཞན་ཡང་མི་བཅུ་དྲུག་ལ་ཐེངས་འདིའི་དོན་རྐྱེན་ཁྲོད་རིམ་པ་མི་འདྲ་བའི་རྨས་ཕོག་ཡོད་པ་དང་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།    དོན་རྐྱེན་འབྱུང་སྐབས་སྤྱི་སྤྱོད་རླངས་འཁོར་སྟེང་དུ་ཕལ་ཆེར་མི་སུམ་ཅུ་ནས་བཞི་བཅུ་ཡོད།

ལམ་གྱི་གནས་ཚུལ་མི་བཟང་བ་དང་ཁ་ལོ་བ་མྱུར་ཚད་ལས་བརྒལ་བ།   ཐེག་ཚད་ལས་བརྒལ་བ་སོགས་སྒྲིག་འགལ་བྱ་སྤྱོད་ལས་རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།    བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན།   རྒྱ་གར་དུ་ལོ་རེར་མི་འབུམ་གཅིག་དང་ཁྲི་ལྔ་འགྲིམ་འགྲུལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བཞིན་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།