དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་བྱང་ཕྱོགས་ཀྱི་སྡོད་དམངས་ཁུལ་ཞིག་ཏུ་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་བཏང་།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས28ཉིན་བསྒྲགས་པ་ལྟར་ན།  དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་བྱང་ཕྱོགས་ཀྱི་པའེ་ཐི་ལཱ་ཞི་ཡའི་སྡོད་དམངས་ཁུལ་ཞིག་ཏུ་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་བཏང་།

བསྒྲགས་པ་ལྟར་ན།   འཇབ་རྒོལ་ལས་ད་རུང་མི་བཅུ་ལྷག་ལ་རྨས་ཕོག་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད།   གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།    ཐེངས་འདིའི་དབྱི་སི་རལ་གྱི་འཇབ་རྒོལ་ལས་ས་དེའི་གསར་འགོད་པ་གཉིས་རྐྱེན་ལམ་དུ་ཤོར་ཟེར།

ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས28ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  པའེ་ཐི་ལཱ་ཞི་ཡ་ལས་གཞན།  དབྱི་སི་རལ་གྱིས་ཉིན་དེར་ད་རུང་ཅཱ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧན་ཡོའུ་ཉི་སི་དང་དབུས་ཕྱོགས་ཀྱི་མའེ་ཅཱ་ཆིའི་ཡུལ་གྱར་པའི་སྒར་སར་འཇབ་རྒོལ་བྱས་པ་དང་།   འཇབ་རྒོལ་ཐེངས་གསུམ་ལས་ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཟེར།

ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   དབྱི་སི་རལ་གྱིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལ་གྲོང་ཁྱེར་དུ་ཕ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།