ཨ་མེ་རི་ཁའི་སྤྱི་མཐུན་ཏང་གི་འདེམས་དམངས་ཀྱིས་ཉིས་སྟོང་ཉེར་བཞི་ལོའི་འདེམ་བསྐོ་ལ་ཡིད་ཆེས་མེད་པའི་ཚུལ་བསྟན།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཟླ12པའི་ཚེས27ཉིན་བསྟན་དོན། མིག་སྔའི་དམངས་ཀྱི་འདོད་བློར་གསར་དུ་བརྟག་དཔྱད་བྱས་པ་ལྟར་ན། སྤྱི་མཐུན་ཏང་གི་ཙུང་ཐུང་གི་ཐོག་མའི་འདེམས་བསྐོ་མགོ་རྩོམ་ལ་ཉེ་ཡང་། སྤྱི་མཐུན་ཏང་གི་འཐུས་མི་མང་པོས་འདེམས་ཤོག་ལ་སྡོམ་རྩིས་ཡང་དག་ཅིག་ཐོབ་མིན་མི་ཤེས་པའི་ཚུལ་བསྟན།

གསལ་བསྒྲགས་ལས་བསྟན་དོན། སྤྱི་མཐུན་ཏང་གི་འཐུས་མི་སུམ་ཆའི་གཅིག་ལ་ཉེ་བས་ད་གཟོད་ཡིད་ཆེས་བཅངས་ཏེ། སྤྱི་མཐུན་ཏང་གི་ཐོག་མའི་འདེམས་ཤོག་སྡོམ་རྩིས་ཡག་པོ་ལོན་པའི་ཡིད་ཆེས་ཡོད་པའི་ཚུལ་བསྟན་པ་དང་། སྤྱི་མཐུན་ཏང་གི་བཅུ་ཆའི་གསུམ་ཙམ་གྱི་འཐུས་མིར་ཡིད་ཆེས་ཅུང་ཟད་ཡོད་པ་དང་། བརྒྱ་ཆའི་སོ་གཉིས་ཀྱི་འཐུས་མིས་ཡིད་ཆེས་ཉག་ཙམ་ཡོད་པའམ་ཡང་ན་ཡིད་ཆེས་མེད་པའི་ཚུལ་བསྟན། དེ་དང་བསྡུར་ན་དམངས་གཙོ་ཏང་གི་བརྒྱ་ཆའི་དོན་གཉིས་ཀྱི་འཐུས་མིས་ཐོག་མའི་འདེམས་བསྐོའི་འདེམས་ཤོག་ཁ་གྲངས་ཡང་དག་པའི་ངང་སྡོམ་རྩིས་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཟེར། དེར་མ་ཟད། སྤྱི་མཐུན་ཏང་ལས་ཅུང་མང་བའི་དམངས་གཙོ་ཏང་གི་མིས་སྤྱི་མཐུན་ཏང་གི་ཐོག་མའི་འདེམས་བསྐོའི་འདེམས་ཤོག་ཡང་དག་པའི་ངང་སྡོམ་རྩིས་ལེན་ཐུབ་པའི་ཡིད་ཆེས་ཡོད་ཟེར།

དེ་དང་མཉམ་དུ་སྤྱི་མཐུན་ཏང་གི་མིས་སྤྱི་ཁྱབ་ངང་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་སྡོམ་རྩིས་ཐད་དོགས་པ་ཟ་བཞིན་འདུག བཞི་ཆའི་གཅིག་གི་སྤྱི་མཐུན་ཏང་གི་འཐུས་མིས་བསྟན་དོན། ཁོ་ཚོས་ཉིས་སྟོང་ཉེར་བཞི་ལོའི་འདེམས་བསྐོ་ཆེན་མོའི་འདེམས་ཤོག་སྡོམ་རྩིས་ལ་ཡིད་ཆེས་ཅུང་ཙམ་ཡོད་པ་དང་དམངས་གཙོ་ཏང་གི་མིའི་བསྡུར་ཚད་ལས་མངོན་གསལ་གྱིས་དམའ།

གསལ་བསྒྲགས་ལྟར་ན། ཨ་རིའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལང་ཕུའུ་ཡིས་བདེན་ཁ་གསལ་བའི་བདེན་དཔང་ཅི་ཡང་མེད་ན་ཡང་། ཉིས་སྟོང་ཉི་ཤུ་ལོའི་འདེམས་བསྐོའི་ཁྲོད་ཕམ་ཁ་བྱུང་བ་དེ་གཡོ་སྒྱུ་ཞིག་ཏུ་བརྩིས་འདུག

མི་ཕམ་མགོན་པོས་བསྒྱུར།