མོང་གོལ་རྒྱལ་ཁབ་ཀྱི་སྐབས་གསར་བའི་རྒྱལ་ཁབ་གྲོས་ཁང་གི་འདེམ་བསྐོ་དེ་སང་ལོའི་ཟླ་དྲུག་པར་བསྡུ་རྒྱུ་རེད།
2023.12.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ཚེས་ཉེར་བརྒྱད་ཉིན་འཚོགས་པ་དང་། ཚོགས་ཐོག་ཏུ་སྐབས་གསར་བའི་རྒྱལ་ཁབ་གྲོས་ཁང་གི་འདེམ་བསྐོ་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་འཚོགས་རྒྱུའི་ཐག་བཅད།

རྒྱལ་ཁབ་གྲོས་ཁང་ནི་མོང་གོལ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་འཛུགས་ལས་ཁུངས་ཡིན་ལ། མིག་སྔར་ཨུ་ཡོན་དོན་དྲུག་གིས་གྲུབ་ཡོད། ད་ལོའི་ཟླ་ལྔ་པར། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་གྲོས་ཁང་གིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གཞིར་བཟུང་སྟེ། སྐབས་གསར་བའི་རྒྱལ་ཁབ་གྲོས་ཁང་འདེམ་བསྐོ་བྱེད་པར་མཉམ་བསྲེས་འདེམ་བསྐོ་ལམ་ལུགས་བསྡུ་ལེན་བྱས་ཏེ། དེའི་ཁྲོད་ཨུ་ཡོན་བརྒྱད་ཅུ་ཐེངས་མང་འདེམ་བསྐོའི་ལམ་ལུགས་ལས་གདམ་རྒྱུ་དང་། ཨུ་ཡོན་ཞེ་བརྒྱད་བསྡུར་ཚད་འདེམ་བསྐོའི་ལམ་ལུགས་ལས་གདམ་རྒྱུར་གྲོས་འཆམ་བྱུང་བ་རེད།

མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་གྲོས་ཁང་ཨུ་ཡོན་གྱི་འགན་ཡུན་ལོ་བཞི་ཡིན་ལ། ལོ་ན་ཉེར་ལྔ་སོན་པའི་སྤྱི་དམངས་འདེམ་བསྐོར་ཞུགས་ཆོག་ལ། ལོ་ན་བཅོ་བརྒྱད་ལ་སོན་པའི་སྤྱི་དམངས་ལ་འདེམ་ཤོག་འཕེན་པའི་དབང་ཆ་ཡོད།

དེ་ལས་གཞན་རྒྱལ་ཁབ་གྲོས་ཁང་གི་གཏན་ཁེལ་གསར་བ་ལྟར་ན། མོང་གོལ་རྒྱལ་ཁབ་ཀྱིས་འདེམ་ཁུལ་བཅུ་གསུམ་འཛུགས་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཉེར་གཅིག་ནས་འདེམ་ཁུལ་བདུན་དང་། རྒྱལ་ས་ཝུའུ་ལན་པཱ་ཐོ་གྲོང་ཁྱེར་ནས་འདེམ་ཁུལ་དྲུག་འཛུགས་རྒྱུ་རེད།

མོང་གོལ་རྒྱལ་ཁབ་ནི་གྲོས་ཁང་ལམ་ལུགས་ཀྱི་རྒྱལ་ཁབ་ཡིན་ཞིང་། ལོ་བཞིའི་ནང་རྒྱལ་ཁབ་གྲོས་ཁང་གི་འདེམ་བསྐོ་ཐེངས་རེར་བསྡུ་བཞིན་ཡོད། ད་ལྟའི་རྒྱལ་ཁབ་གྲོས་ཁང་ནི་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་བདམས་པ་རེད།

                                                                                                       རིག་འཛིན་སྒྲོལ་མས་བསྒྱུར།