ཧིན་རྡུ་ཉི་ཞ་ཡའི་པཱ་པུའུ་ཡ་ཞིང་ཆེན་དུ་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་ཡོམ་བྱུང་།
2023.12.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཧིན་རྡུ་ཉི་ཞ་ཡའི་པཱ་པུའུ་ཡ་ཞིང་ཆེན་དུ། ཟླ12པའི་ཚེས31ཉིན་གྱི་ཐོ་རེངས་ཀྱི་ཆར་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་ཡོམ་བྱུང་བ་དང་། མིག་སྔའི་བར་དུ་མི་སྣར་ཤི་རྨས་བཟོས་པ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་འདི་པེ་ཅིང་གི་དུས་ཚོད་ཚེས31ཉིན་གྱི་ཆུ་ཚོད་གཅིག་དང་སྐར་མ་བཅུ་དྲུག་སྟེང་བྱུང་བ་དང་། ཡོམ་ཁུངས་ནི་པཱ་པུའུ་ཡ་ཞིང་ཆེན་ཨ་པེ་ཕུའུ་ལཱ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ཞེ་བདུན་གྱི་ས་ཡིན་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ནི་ཧ་ལམ་སྤྱི་ལེ་སོ་དགུ་དང་གྲངས་ཆུང་གཅིག་རེད།

ཧིན་རྡུ་ཉི་ཞི་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཡོམ་བར་དུམ་དུ་གནས་ཡོད་པའི་དབང་གིས། ལོ་རེར་ས་ཡོམ་ཆེ་མ་ཆུང་གསུམ་སྟོང་ཕྲག་ཁ་ཤས་འབྱུང་གིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།