ཁོང་ཀོ་ཅིན་གྱི་རྒྱལ་ཁབ་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ12པའི་ཚེས31ཉིན་ཁྱབ་བསྒྲགས་བྱས་པའི་འདེམ་ཤོག་བསྡོམས་རྩིས་ལས་མངོན་པ་ལྟར་ན། ད་ལྟའི་ཙུང་ཐུང་ཆི་སའེ་ཁི་ཏེ་ལ་སྐབས་གསར་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁབ་ཐོབ་ནས་བསྟུད་མར་ཙུང་ཐུང་གི་འགན་འཁུར་ཟེར།
ཁོང་ཀོ་ཅིན་རྒྱལ་ཁབ་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ས་ཅིན་ཧྲ་ས་རུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། ཟླ12པའི་ཚེས20ཉིན་བསྡུས་པའི་ཙུང་ཐུང་དང་གྲོས་ཁང་། ས་གནས་བཅས་ཀྱི་འདེམ་བསྐོའི་ཁྲོད་དུ། ཆི་སའེ་ཁི་ཏེ་ལ་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་བརྒྱ་ཆའི་དོན་གསུམ་ལྷག་ཐོབ་པ་དང་། ཏན་མག་ཅ་ཏན་ཅ་ཞིང་ཆེན་གྱི་ཧྲིན་ཀྲང་ཟུར་པ་ཁ་ཐུང་པེ་དང་། སྤྱི་དམངས་དང་འཕེལ་རྒྱས་ཀྱི་ཆེད་དུ་འཐབ་རྩོད་བྱེད་པའི་ཏང་གི་འགོ་ཁྲིད་པ་ཧྥ་ཡིའུ་ལུའུ་གཉིས་ལ་སོ་སོར་འདེམ་ཤོག་བརྒྱ་ཆའི་བཅོ་བརྒྱད་ལྷག་དང་བརྒྱ་ཆའི་ལྔ་ལྷག་ཐོབ་ནས། ཨང་གཉིས་པ་དང་གསུམ་པ་རེད་ཅེས་ཁྱབ་བསྒྲགས་བྱས།
རྒྱལ་ཁབ་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཐེངས་འདིའི་འདེམ་བསྐོར་འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ཞེ་གསུམ་རེད། འདེམ་བསྐོའི་ཉིན་རིམ་ལྟར་ན། ཁོང་ཀོ་ཅིན་གྱི་རྩ་ཁྲིམས་ཁྲིམས་ཁང་གིས་2024ལོའི་ཟླ་དང་པོའི་ཚེས10ཉིན་མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་བྱ་དགོས་ལ། ཙུང་ཐུང་གསར་བས་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་དངོས་སུ་འགན་འཁུར་དགོས་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།