ཏན་མག་གི་རྒྱལ་མོ་མཱ་ཀི་ལེ་ཐི་སྐུ་ཕྲེང་གཉིས་པས་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གོ་གནས་ལས་འབབ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
2024.01.01 ཁུངས། ཀློག་གྲངས། 31

ད་ལོར་དགུང་ལོ་གྱ་གསུམ་ལ་བུད་པའི་ཏན་མག་རྒྱལ་ཁབ་ཀྱི་རྒྱལ་མོ་མཱ་ཀི་ལེ་ཐི་སྐུ་ཕྲེང་གཉིས་པས་ཟླ12པའི་ཚེས31ཉིན་གྱི་དགོང་མོར་རྒྱལ་ས་ཀི་པིན་ཧྭ་ཀིན་གྱི་ཨ་མཱ་ལིན་པའོ་ཕོ་བྲང་ནས་གནམ་ལོ་གསར་བའི་ཤིས་ཚིག་འབུལ་སྐབས། མོ་རང2024ལོའི་ཟླ་དང་པོའི་ཚེས14ཉིན་དངོས་སུ་གོ་གནས་ལས་འབབ་རྒྱུ་ཡིནཞེས་བསྒྲགས། 

རྒྱལ་མོ་མཱ་ཀི་ལེ་ཐི་སྐུ་ཕྲེང་གཉིས་པས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། 2023ལོའི་ཟླ་གཉིས་པར་མོའི་སྒལ་བར་གཤགས་བཅོས་བྱས་རྗེས་གོ་གནས་ལས་འབབ་རྒྱུའི་བསམ་ཚུལ་ཡོད་སོང་ལ། 2024ལོའི་ཟླ་དང་པོའི་ཚེས14ཉིན་ནི་མོ་སྲིད་སྟེགས་སུ་བུད་ནས་ལོ་ལྔ་གཉིས་འགོར་བའི་དྲན་རྟེན་གྱི་ཉིན་མོ་ཡིན་ལ། ཉིན་དེར་མོ་གོ་གནས་ལས་འབབ་རྒྱུ་མ་ཟད། རྒྱལ་པོའི་གོ་གནས་མོའི་བུ་ཧྥེ་ཐི་ལེ་ལ་སྤྲོད་རྒྱུ་ཡིན་ཟེར། 

ཤིས་ཚིག་འབུལ་སྐབས་མོས་མི་དམངས་དང་སྲིད་གཞུང་། གྲོས་ཁང་བཅས་ཀྱིས་མོ་དང་གོང་མ་ཚང་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱས་པར་བཀའ་དྲིན་ཞུས། 

ཏན་མག་སྲིད་གཞུང་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས། རྒྱལ་མོ་མ་ཀི་ལེ་ཐི་སྐུ་ཕྲེང་གཉིས་པས་ལོ་ངོ་ལྔ་བཅུའི་རིང་ལ་ཏན་མག་གི་ཆེད་དུ་འབད་པ་གནང་ནས་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་ལ། 2024ལོའི་ཟླ་དང་པོར་རྒྱལ་པོ་གསར་བ་བསྐོ་འཇོག་བྱེད་པར་རེ་སྒུག་བྱས་ཡོད་ཅེས་བཤད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།