འཇར་པན་དབུས་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ་དུ་ཚད་རིམ7.6ཀྱི་ས་ཡོན་དྲག་པོ་བྱུང་།
2024.01.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 60

ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཕྱི་དྲོ།འཇར་པན་དབུས་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ་དུ་གཏིང་ཚད་ཐུང་བའི་ས་ཡོམ་ཐེངས་མང་བྱུང་པའི་ནང་ས་ཡོམ་གྱི་རིམ་པ་མཐོ་ཤོས་ནི7.6ཡིན་ཞིང་། ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཆུ་ཚོད16དང་སྐར་མ10ཡི་ཐོག་དང་། པེ་ཅིང་གི་དུས་ཚོད་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཆུ་ཚོད15དང་སྐར་མ10ཡི་ཡས་མས་ཡིན། ས་ཡོམ་གྱི་ལྟེ་གནས་ནི་ཧྲི་ཁྲོན་རྫོང་གི་ནིན་ཏིན་ས་ཁུལ་དུ་གནས་ཡོད། ས་ཡོམ་གྱི་གནོད་འཚེའི་གྲངས་འབོར་ད་དུང་བསྡོམས་རྩིས་རྒྱག་བཞིན་ཡོད། ས་གནས་དེ་གའི་འཛུགས་སྐྲུན་ཁག་ཅིག་ལ་ས་ཡོམ་ཁྲོད་གནོད་སྐྱོན་ཕོག་ཡོད། འཇར་པན་གནམ་གཤིས་ལས་ཁུངས་ཀྱིས་ཧྲི་ཁྲོན་རྫོང་དང་ཕུའུ་ཅིང་རྫོང་། ཤིན་ཅན་རྫོང་སོགས་ལ་མཚོ་ཡོམ་གྱི་ཉེན་བརྡ་བཏང་བ་དང་མིག་སྔར་མཚོ་ཡོམ་ལས་བྱུང་བའི་གྱོང་གུན་གྱི་སྙན་ཞུ་འབྱོར་མེད། འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་ཡོམ་དྲག་པོའི་ཤུགས་རྐྱེན་ཕོག་པའི་དབང་གིས་འཇར་པན་གྱི་ལམ་གསར་པ་མང་པོ་ཞིག་གནས་སྐབས་སུ་སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད་པ་དང་ཧྲི་ཁྲོན་རྫོང་གི་ཁྱིམ་ཚང32900ལ་གློག་ཆད་ཡོད། འཇར་པན་གནམ་གཤིས་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པར་གཞིགས་ན། ཆུ་ཚོད19བར་ཉུང་མཐར་ཡང་ས་ཡོམ་ཐེངས་40ལ་བྱུང་ཡོད་ཟེར།