དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་དབང་ཆ་ཇེ་ཞན་དུ་གཏོང་བའི་ཁྲིམས་འཛུགས་མེད་པར་བཏང་།
དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་ཏེ། གྲོས་ཁང་གིས་ན་ནིང་གི་ཟླ་དང་པོར་གྲོས་འཆམ་བྱུང་བའི་ཆེས་མཐོའི་ཁྲིམས་ཁང་གི་དབང་ཆ་ཇེ་ཞན་དུ་གཏོང་བའི་ཁྲིམས་དོན་མེད་པར་བཏང་།
དབྱི་སི་རལ་གྲོས་ཁང་གིས2023ལོའི་ཟླ7པའི་ཚེས24ཉིན་ཁྲིམས་དོན་ཞིག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། ཆེས་མཐོའི་ཁྲིམས་ཁང་འཕྲོག་པ་དེ་ལུགས་མཐུན་མིན་པར་ཁ་གཡར་ནས་སྲིད་གཞུང་གི་ཇུས་ཆོད་དབང་ཆ་ཕྱིར་བླངས། ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་མགོ་ཁྲིད་པའི་སྲིད་འཛིན་མནའ་འབྲེལ་གྱིས་ཁྱབ་སྤེལ་བྱེད་པའི་ཁྲིམས་འཛིན་བཅོས་སྒྱུར་འཆར་གཞིའི་ནང་དོན་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ཁྲིམས་དོན་འདི་རྒྱལ་ནང་དུ་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་པ་རེད།
དབྱི་སི་རལ་རྒྱལ་ཁོངས་ཚགས་པར་གྱི་གསལ་བསྒྲགས་ལྟར་ན། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་བཅོ་ལྔའི་ཁྲོད་ཀྱི་མི་བརྒྱད་ཀྱིས་གྲོས་འཆམ་ཐག་གཅོད་བྱས་པའི་ཁྲིམས་དོན་དེ་ནུས་མེད་དུ་བཏང་ཟེར།
དབྱི་སི་རལ་གྱི་ཁྲིམས་འཛིན་པུའུ་ཀྲང་ལེ་ཝུན་གྱིས་གསལ་བསྒྲགས་སྤེལ་ནས་ཆེས་མཐོའི་ཁྲིམས་ཁང་གི་ཐད་གཅོད་དེར་ངོ་རྒོལ་བྱས་ཀྱང་། དབྱི་སི་རལ་མིག་སྔར་འཐབ་འཁྲུག་གི་སྐབས་དང་འཁེལ་ཡོད་པས། བཀག་འགོག་དང་འགན་ཁུར་བའི་བྱ་སྤྱོད་སྤེལ་ནས་གནས་ཚུལ་དེར་ཕྱིར་ལན་སྤྲོད་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།