ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་གི་འགོ་པར་འཇབ་རྒོལ་ཐེབས།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཧན་གོའི་མཉམ་འབྲེལ་ཚགས་པར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་གཉིས་ཉིན་ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་གི་འགོ་པ་ལིས་ཙའེ་མེན་ལ་ཧན་གོའི་ཧྥོ་ཧྲན་ནས་འཇབ་རྒོལ་ཐེབས་ཟེར།

བསྒྲགས་པ་ལྟར་ན། ལིས་ཙའེ་མེན་གྱིས་ཉིན་དེའི་སྔ་དྲོར་ཧྥོ་ཧྲན་ཅ་ཏི་གླིང་ཕྲན་དུ་འཚམས་འདྲི་བྱས་པ་རེད། སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ལིས་ཙའེ་མེན་ལ་ལག་ཏུ་མཚོན་ཆ་བཟུང་བའི་སྐྱེས་པ་ཞིག་གིས་འཇབ་རྒོལ་བྱས་ཏེ། སྐེ་ལ་རྨས་ཕོག་ནས་སར་འགྱེལ་བ་དང་།  ཡུལ་དངོས་ནས་མྱུར་དུ་ཐག་གཅོད་བྱས་རྗེས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད་ལ། འཇབ་རྒོལ་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་དེ་ས་དེ་ནས་འཛིན་བཟུང་བྱས་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།